ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་སྐོར།

ས་གནས་གཞུང་འདི་སྒྲིང་སྒྲིང་བཟོ་ཐབས་ལུ་དམིགས་སྟེ་ སྤྱི་ལོ་ ༢༠༠༥ ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་མངའ་འོག་ ས་གནས་གཞུང་སྐྱོང་ལས་ཁུངས་འདི་ ས་གནས་གཞུང་སྐྱོང་སྡེ་ཚན་ཅིག་འབད་ གཞི་བཙུགས་འབད་ཡོདཔ་ཨིན།  འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་ ༩ པའི་དོན་ཚན ༨ པ་ རྩ་ཚན་ ༢༢ པའི་དོན་ཚན་ ༡ པའི་དགོངས་དོན་དང ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མ་དང་འཁྲིལ་ སྤྱི་ལོ་ ༢༠༠༩ ལུ་ ས་གནས་གཞུང་སྐྱོང་ལས་ཁུངས་འབད་ ཡར་སེང་མཛད་གནང་ནུག། ལས་ཁུངས་འདིའི་ལས་འགན་ཚུ་ཡང་ ས་གནས་སྐྱོང་ཡར་དྲགས་གཏང་ནི་ ས་གནས་གཞུང་གི་ལྕོགས་གྲུབ་ཡར་དྲགས་དོན་འགོ་འདྲེན་ གཞུང་གི་གཙུག་སྡེ་ཚུ་གི་བར་ན་མཉམ་འབྲེལ་ ཡར་དྲགས་གཏང་ནི་ཚུ་ཨིནམ་དང་ གོང་འཁོད་ལས་སྣ་ཚུ་ལས་བརྟེན་ ས་གནས་གཞུང་ཚུ་གིས་ གྲོས་བསྟུན་ཅན་གྱི་གྲོས་ཆོད་དང་ མཉམ་འབྲེལ་ཐོག་གི་ལས་སྣ་ཚུ་གྲུབ་ཐབས་ལུ་ཨིན།

འཆར་སྣང་།

སྤུས་ཚད་ལྡན་པའི་ མི་མང་ཞབས་ཏོག་དོན་ལུ་ གཞུང་སྐྱོང་ལེགས་ལྡན་གྱི་ལྟ་བའི་གཞི་རྩ་ལུ་གནས་པའི་ འགན་འཁྲི་དང་ དམངས་གཙོ་ཅན་གྱི་་ས་གནས་གཞུང་།

དམིགས་ཡུལ།

  • ༔ མཉམ་འབྲེལ་གྱི་ཐོག་ལས་ ལམ་ལུགས་དང་ས་གནས་གཞུང་གི་འཐུས་མི་ཚུའི་ལྕོགས་གྲུབ་གོང་འཕེལ་བཏང་ནི།
༔ རྫོང་ཁག་དང་རྒེད་འོག་གི་གནས་ཚད་ཁར་ དབང་ཆ་ཕྱིར་སྤེལ་གྱི་བྱ་རིམ་གྱི་ཞི་འགྱམ་འདི་སྒྲིང་སྒྲིང་འབད་ཞི་བཙུགས་འབད་ནི།
༔ ས་གནས་གཞུང་གི་འཐུས་མི་ཚུའི་བར་ འགན་འཁྲི་དང་དྭངས་གསལ་གྱི་ལམ་ལུགས་འདི་ ཡར་རྒྱས་བཏང་ནི།
༔ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ ས་གནས་གཞུང་དང་འབྲེལ་བའི་གནད་དོན་ཚུའི་གྲོས་བསྟུན་འབད་སའི་ས་སྒོ་བྱིན་ནི།
  1. ༔ ས་གནས་གཞུང་ཚུ་གིས་ ཞིབ་འཚོལ ཡིག་ཆ་དུས་མཐུན་དང་ སྒྲུབ་བྱེད་དང་ལྡན་པའི་གྲོས་ཐག་བཅད་ནི་ཚུ་ ཡར་རྒྱས་བཏང་ནི།

ཁྱད་ཆོས་གཙོ་བོ།

༔ གཞུང་སྐྱོང་ལེགས་ལྡན།
༔ དབང་ཆ་ཕྱིར་སྤེལ།
༔ མི་སྡེ་འབྲེལ་གཏོགས།

སྡེ་ཚན་གྱི་ལས་འགན།

ས་གནས་གཞུང་སྐྱོང་གོང་འཕེལ་སྡེ་ཚན།

PRO

ཿ དམངས་གཙོ་དང་འགན་འཁྲི་ཅན་གྱི་ས་གནས་གཞུང་གི་དོན་ལུ་ལམ་ལུགས་གཞི་བཙུགས་འབད་ནི།
ཿ གཞུང་སྐྱོང་ལེགས་ལྡན་གྱི་གཞི་རྩ་དར་ཁྱབ་གཏང་ནི།
ཿ ས་གནས་གཞུང་གི་ཁྲིམས་ལུགས་བསྟར་སྤྱོད་ཐོག་ལས་ ས་གནས་གཞུང་གི་ཐབས་ལམ་ཚུ་ དཀའ་ངལ་མེད་པར་བྱ་སྒོ་འཐབ་ཚུགསཔ་ངེས་ཏིག་བཟོ་ནི།
ཿ ས་གནས་གཞུང་ངམ་ ས་གནས་གཞུང་སྐྱོང་དང་འབྲེལ་བའི་ སྲིད་བྱུས་དང་ལམ་ལུགས་ རིམ་ལུགས་དང་ལམ་སྟོན་ དེ་ལས་ ཁྱད་ཚད་ཚུ་བཟོ་ནི།
ཿ ས་གནས་གཞུང་གི་སྲིད་བྱུས་དང་ལམ་སྟོན་ཚུ་བསྟར་སྤྱོད་འབད་ནི།
ཿ སྔར་སྲོལ་གྱི་གཞུང་སྐྱོང་ལམ་ལུགས་ཚུ་ཉམས་སྲུང་དང་གོང་འཕེལ་གཏང་ནི།
ཿ ས་གནས་གཞུང་སྐྱོང་ནང་ལུ་ རང་འཚོར་དང་ཚ་གྱང་ཐོག་ལས་འགན་ཁུར་འབག་ནི་དོན་ལུ་སེམས་ཤུགས་བསྐྱེད་བཅུག་ནི།
ཿ ས་གནས་གཞུང་དང་འབྲེལ་བའི་ སྲིད་བྱུས་དང་ཁྲིམས་ལུགས་ བཅའ་ཡིག་དང་སྒྲིགས་གཞི་ཚུའི་གུར་ གཞུང་ལྟེ་བའི་ལས་སྡེ་ཚུ་དང་གྲོས་བསྟུན་གྱི་རིམ་པ་ཚུ་ནང་ བཅའ་མར་གཏོགས་ནི་དང་རྒྱབ་སྐྱོར་འབད་ནི།
ཿ འོས་ལྡན་གྱི་དབང་འཛིན་ཚུ་གིས་སྤྲོད་པའི་ལས་འགན་ཚུ་འབག་ནི།


ཁྲིམས་དོན་དང་ཁྲིམས་གནས་ལས་ཚན།
ཿ ས་གནས་གཞུང་ལས་ལྷོད་པའི་སྟབས་མ་བདེཝ་ཚུ་བསལ་ཐབས་བསྒྲིག་ནི།
ཿ ས་གནས་གཞུང་གི་བཅའ་ཁྲིམས་ དེ་ལས་བཅའ་ཡིག་དང་སྒྲིགས་གཞི་ཚུ་ཤོ་མཚུངས་སྦེ་བསྟར་སྤྱོད་འབད་ཡོདཔ་ངེས་བརྟན་བཟོ་ནི།
ཿ ས་གནས་གཞུང་གི་རྩོེད་ཉོགས་ཚུ་ནང་ ཞིབ་དཔྱད་འབད་ནི་ ཡང་ན་ རྒྱབ་སྐྱོར་བྱིན་ནི།
ཿ སྤྱི་ཚོགས་ལས་བརྒྱུད་པའི་ དཀའ་ངལ་དང་འབྲེལ་བའི་གནད་དོན་ཚུ་ངོས་ལེན་འབད་ནི།
ཿ ས་གནས་གཞུང་ངམ་ ས་གནས་གཞུང་གི་འཐུས་མི་ཚུ་ལུ་ ཉེས་འཛུགས་བཙུགས་མི་ཚུ་ དབྱེ་དཔྱད་འབད་ནི།
ཿ ས་གནས་གཞུང་གི་བཅའ་ཁྲིམས་ བཅའ་ཡིག་དང་སྒྲིགས་གཞི་ཚུ་གི་སྐོར་གོ་བརྡ་སྤྲོད་ནི།
ཿ ས་གནས་གཞུང་སྐྱོང་གི་སྲོལ་དང་ མཐོང་ཚུལ་བཟང་པོ་ཚུ་ དར་ཁྱབ་གཏང་ནི།
ཤེས་བྱ་འཛིན་སྐྱོང་སྡེ་ཚན།

PRO

༔ དབང་ཆ་ཕྱིར་སྤེལ་དང་གཞན་མི་གནད་དོན་ཚུ་གི་ སྲིད་བྱུས་དང་ཐབས་བྱུས་ཚུ་དབྱེ་ཞིབ་འབད་ནིའི་ནང་ འགོ་ཁྲིད་འབད་ནི།
༔ ས་གནས་གཞུང་ཚུའི་བར་ སྒྲུབ་བྱེད་ལྡན་པའི་གྲོས་ཐག་བཅད་ནི་ཚུ་ ཡར་རྒྱས་གཏང་ནི།
༔ ས་གནས་གཞུང་ཚུའི་དོན་ལུ་ ཞིབ་འཚོལ་གྱི་་ལས་རིམ་ཚུ་ ཡར་རྒྱས་ ལྷན་ཐབས་དང་མཉམ་འབྲེལ་འབད་ནི།
༔ ས་གནས་གཞུང་སྐྱོང་དང་འབྲེལ་བའི་ ཞིབ་འཚོལ་སྙན་ཞུ་ཚུ་ དཔེ་སྐྲུན་ ཡང་ན་ལྷན་ཐབས་འབད་ནི།
༔ ས་གནས་གཞུང་གི་གཙུག་སྡེ་དང་འཐུས་མི་ཚུའི་རྒྱལ་རབས་དང་འབྲེལ་བའི་ལོ་རྒྱུས་ཚུ་ པར་སྐྲུན་འབད་ནི།
༔ ས་གནས་གཞུང་སྐྱོང་གི་ ལམ་ལུགས་གོང་འཕེལ་དང་འཁྲིལ་ ཞིབ་འཚོལ་དང་བརྟག་ཞིབ་འབད་ནི།
༔ ས་གནས་གཞུང་གི་གནས་ཚད་ཁར་ སྲིད་དོན་དང་དམངས་གཙོའི་རིང་ལུགས་ཀྱི་སྐོར་ ཞིབ་འཚོལ་འབད་ནི།
༔ ས་གནས་གཞུང་གི་སྙན་ཞུ་ཚུ་ པར་སྐྲུན་དང་བཀྲམ་སྤེལ་འབད་ནིའི་ནང་ མཉམ་འབྲེལ་འབད་ནི།
༔ ས་གནས་གཞུང་ཚུ་གི་ཕུལ་མི་ སྙན་ཞུ་ཚུ་ བསྐྱར་ཞིབ་དང་འཛིན་སྐྱོང་འབད་ནི།
༔ ས་གནས་གཞུང་གི་གནས་སྡུད་གཞི་མཛོད་ ཡར་རྒྱས་གཏང་ནི།
༔ གཙུག་སྡེའི་དྲན་ཤེས་ཀྱི་དོན་ལུ་ ཡིག་ཆ་འཛིན་སྐྱོང་ཡར་རྒྱས་གཏང་ནི།
༔ རྒྱལ་ཡོངས ལུང་ཕྱོགས་དང་རྒྱལ་སྤྱིའི་ ཤེས་ཡོན་ལྟེ་བ་དང་གཅིག་ཁར་ གཙུག་སྡེའི་མཉམ་འབྲེལ་བཟོ་ནི།
༔ ལས་སྡེ་སྣ་མང་གི་འཐུས་མི་ཚུ་དང་གཅིག་ཁར་ ས་གནས་གཞུང་སྐྱོང་གི་ ཞིབ་འཚོལ་འབྲེལ་ཚོགས་ཅིག་ ཞི་བཙུགས་འབད་ནི།
༔ འོས་ལྡན་གྱི་དབང་འཛིན་ཚུ་གིས་སྤྲོད་པའི་ལཱ་འགན་ཚུ་འབག་ནི།
མཉམ་འབྲེལ་དང་ལྕོགས་གྲུབ་སྡེ་ཚན།

PRO

༔ ས་གནས་གཞུང་ཚུ་དང་གཞུང་ལྟེ་བའི་བར་ནང་དང་ ས་གནས་གཞུང་དང་ལས་སྡེ་ལྟེ་བ་ ཡང་ན་ གཞུང་མིན་ལས་ཚོགས་ཚུའི་བར་ན་ མཉམ་འབྲེལ་འབད་ནི།
༔ ས་གནས་གཞུང་གི་འཐུས་མི་ཚུ་གི་དོན་ལུ་ ས་གནས་གཞུང་གི་ཞལ་འཛོམས་ཚུ་འགོ་འདྲེན་འཐབ་ནི་ ཡང་ན རྫེས་ཞིབ་འབད་ནི།
༔ ས་གནས་གཞུང་ཚུའི་ལྕོགས་གྲུབ་གོང་འཕེལ་གཏང་ནིའི་ལས་རིམ་ འགོ་འདྲེན་འཐབ་ནི་དང་ བསྟར་སྤྱོད་འབད་ནི།
༔ ས་གནས་གཞུང་ཚུ་དང་མཉམ་འབྲེལ་ཞལ་འཛོམས་འགོ་འདྲེན་འཐབ་ནི།
༔ ས་གནས་གཞུང་ ཡང་ན་མི་སྡེ་སྡེ་ཚན་ཚུའི་བར་ མཉམ་སྡེ་སློབ་སྦྱང་གི་ལས་རིམ་ཚུ་འགོ་འདྲེན་འཐབ་ནི།
༔ ས་གནས་གཞུང་གི་གོང་འཕེལ་དང་ མི་སྟོབས་འཛིན་སྐྱོང་གི་གནད་དོན་ཚུ་འགོ་འདྲེན་འཐབ་ནི།
༔ ལྕོགས་གྲུབ་གོང་འཕེལ་གྱི་འཆར་གཞི་ཨམ་དང་ སྦྱོང་བརྡར་གྱི་རྩ་གཞུང་བཟོ་ནི།
༔ ཤེས་ཡོན་ལྟེ་བ་དང་ གཞན་གཙུག་སྡེ་ཚུ་དང་གཅིག་ཁར་ ཁྱད་རིག་གི་མཐུན་འབྲེལ་བཟོ་ནི།
༔ ལས་སྡེ་ཁག་མང་དང་འབྲེལ་བ་ཡོད་པའི་གནད་དོན་ཚུའི་གུར་ རྒྱལ་ཡོངས་གྱི་གྲོས་གནས་ཚུ་ནང་ ས་གནས་གཞུང་ཚུ་གི་ངོ་ཚབ་འབད་ནི།
༔ ནང་ཁ་ནང་སྒྲིག་གི་སྦྱོང་བརྡར་བྱིན་ནིའི་དོན་ལུ་ ལྷན་ཐབས་འབད་ནི།
༔ ལས་ཁུངས་ཀྱི་ལོ་ལྔའི་ འཆར་གཞི་དང་ ལོ་བསྟར་གྱི་འཆར་ལས་ བསྒྲིག་བཀོད་ འགོ་འདྲེན་འཐབ་ནི།
༔ ལྷན་ཁག་གི་ཚོགས་ཆུང་ཚུ་ནང་ ལས་ཁུངས་ཀྱི་ངོ་ཚབ་འབད་ནི།
༔ འོས་ལྡན་གྱི་དབང་འཛིན་ཚུ་གིས སྤྲོད་པའི་ལཱ་འགན་ཚུ་འབག་ནི།
བདག་སྐྱོང་དང་རྒྱབ་སྐྱོར་ལས་ཚན།

PRO

༔ ལས་ཁུངས་ཀྱི་མི་སྟོབས་འཛིན་སྐྱོང་།
༔ མཁོ་སྒྲུབ་ཀྱི་ཞབས་ཏོག
༔ མཐུན་རྐྱེན་བེད་སྤྱོད་ཀྱི་གླ་རིན་སྤྲོད་ནི།
༔ ཡིག་་ཚང་གི་ཅ་ཆས་འཛིན་སྐྱོང་ཐབས་ནི།
༔ བཅའ་སྒྲིག་གི་ཞབས་ཏོག་ཚུ་གྲ་སྒྲིག་འབད་ནི།
༔ གྲོས་ཚོགས་ཀྱི་གྲོས་ཆོད་བཀྲམ་སྤེལ་འབད་ནི། དཔེ་དེབ་དང་སྙན་ཞུ་ཚུ་རྫོང་ཁག་ཚུ་ལུ་བཀྲམ་སྤེལ་འབད་ནི།
༔ ལས་ཁུངས་ཀྱི་ བཀོལ་སྤྱོད་སྣུམ་འཁོར་དང་མཛོད་ཁང་ཚུ་འཛིན་སྐྱོང་འབད་ནི།
༔ དེ་མ་ཚད་ འགོ་དཔོན་གྱི་བཀའ་རྒྱ་དང་འཁྲིལ་ཏེ་ ལས་འགན་གཞན་ཚུ་ཡང་འབད་དགོཔ་ཨིན།

Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved