ངོ་སྤྲོད་ལས་རིམ།

ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ དབྱིན་ལོ་༢༠༢༡ དབྱིན་ཟླ་༧ པའི་དབྱིན་ཚེས་༥ ལས་༡༦ ཚུན་ བདུན་ཕྲག་༢ གི་རིང་ལུ་ ཁ་འབབ་ཀྱི་ཐོག་ལས་བཙུགས་ཡོད་མི་ རྒེད་འོག་བདག་སྐྱོང་འགོ་དཔོན་༡༢ ལུ་ ངོ་སྤྲོད་ཀྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན། 

ངོ་སྤྲོད་ཀྱི་ལས་རིམ་དེ་འབད་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་རང་ གསར་བཙུགས་འབད་ཡོད་མི་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་འོག་ལུ་ཡོད་པའི་ ལས་ཁུངས་ཁག་ཚུ་གི་ སྤྱིར་བཏང་མཐོང་སྣང་དང་ཁོང་གི་ལཱ་འགན་ཚུ་ཤེས་ཚུགསཔ་བཟོ་ནིའི་དོན་ལས་ཨིན།

རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ལུ་ གཞི་རྟེན་འགན་དབང་ཚུ་ ག་དེ་འབད་ལག་ལེན་འཐབ་ནི་ཨིན་ན་དང་ དེ་དང་འབྲེལ་བའི་ རྒེད་འོག་ནང་ལུ་ ཁོང་རའི་ལཱ་འགན་ཚུ་གི་མ་དོ་བར་ གྲོས་ཆོད་བཟོ་ཐངས སྙན་ཞུ་དང་གཞུང་འབྲེལ་ཡི་གུ་བྲིས་ཐངས་ འཛོམས་འདུ་འགོ་འདྲེན་འཐབ་ཐངས་དང་གཞན་ཡང་ཁག་ཆེ་བའི་ཐབས་རིག་ཚུ་ལེ་ཤཱ་བཏོན་བྱིན་ཡོདཔ་ཨིན།

དམིགས་བསལ་གྱི་ ད་རེས་ཀྱི་གསར་བཙུགས་སྡེ་ཚན་འདི་ནང་ ཧ་ལས་སིི་སི་འབད་ ཁོང་༡༢ ལས་༨ འདི་ ཨམ་སྲུ་ཡོདཔ་ཨིན།


Follow Us

Contact number: 02-338981/334512, Tashichhodzong, Thimphu, Bhutan

Copyright © 2021 Department of Local Governance. All rights reserved